About Us | National Institute for zorigchusum

About Us

NIZC Organogram

view details

འཆར་སྣང་། དམིགས་ལཱ། དམིགས་ཡུལ།

འཆར་སྣང་། བཟོ་རིག་བཅུ་གསུམ་གྱི་ལག་ཤེསཔ་ཚུ་ དཔེ་བཞག་བཏུབ་ཅིག་ལུ་བཟོ་ནི།       དམིགས་ལཱ། སྤེལ་ཁང་འདི་གིས་ སྤུས་ཚད་ཅན་གྱི་སྦྱོང་བརྡར་དང་ ཞིབ་འཚོལ་ འཐོན་འབྲས་གསར་གཏོད་ཀྱི་ལཱ་ཚུ་ཉམས་པ་སོར་ཆུད་ཚུ་འབད་དེ་བཟོ་རིག་བཅུ་གསུམ་གོང་འཕེལ་གཏང་ནི་ལུ་བརྩོན་ཤུགས་བསྐྱེད་ནི། དམིགས་ཡུལ།       ༡   དུས་རྒྱུན་དགོས་མཁོ་དང་བསྟུན་པའི་སྤུས་ཚད་ཅན་གྱི་ སྦྱོང་བརྡར་དང་ཞིབ་འཚོལ་འཐོན་འབྲས་གསར་གཏོད་ཀྱི་ལཱ་          …

view details

ཐིམ་ཕུག་བཟོ་རིག་བཅུ་གསུམ་སྤེལ་ཁང་གི་ཆགས་རབས་ལོ་རྒྱུས་མདོར་བསྡུས།

ཐིམ་ཕུག་ཀ་ཝང་སྦྱང་ས་བཀྲ་ཤིས་དགེ་འཕེལ་གླིང་ལུ།ས་གཞི་ཨེ་ཀར་༡.༡༨ཀྱི་ནང་འཁོད་ལུ་ ཆགས་ཏེ་ཡོད་མི། ཐིམ་ཕུག་བཟོ་རིག་བཅུ་གསུམ་སྤེལ་ཁང་འདི སྤྱི་ལོ་༡༩༧༡གི་ལོ་ལུ་བཀའ་ དྲིན་ཅན་གྱི་ཡབ་རྗེ་མི་དབང་ཞིང་གཤེགས་དམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས ཐུགས་དགོངས་དང་འཁྲིལ་ཏེ་ མི་དབང་ཨ་ཞེ་བདེ་ཆེན་དབང་མོ་དབང་ཕྱུག་མཆོག་གིས་བཀའ་ བཞིན་གོང་འཕེལ་ལྷན་ཁག་གི་འགོ་འདྲེན་འོག་ལུ་ལྷ་བྲིས་སློབ་དཔོན་གཉིས་དང་སློབ་ ཕྲུག་༣༠ བཙུགས་ཏེ་ འགོ་དང་པ་ལྷ་བྲིས་སློབ་གྲྭ་ཅིག་སྦེ་འགོ་བཙུགས་གནང་ནུག།   དེ་གི་ཤུལ་ལས་སྤེལ་ཁང་གི་བདག་སྐྱོང་འདི་དངུལ་རྩིས་ལྷན་ཁག་དང་་ནང་སྲིད་ལྷན་ཁག་ཚུ་གི་ འགོ་འདྲེན་འོག་ལུ་སྡོད་པའི་སྐབས་སྤེལ་ཁང་ནང་ལྷ་བྲིས་དང་་ པ་ཏྲ འཇིམ་བཟོ། བཅས་བཟོ་ རིག་ཁག་གསུམ་གྱི་སློབ་སྦྱོང་ཚུ་འགོ་འདྲེན་འཐབ་སྟེ་སྤེལ་ཁང་གི་མིང་ཡང་སྔར་སྲོལ་བཟོ་རིག་སློབ་ གྲྭ་ཟེར་བཏགས་གནང་ནུག།   སྤྱི་ལོ་༡༩༩༩ གི་ལོ་ལུ་རྒྱལ་ཡོངས་བཟོ་རིག་སློབ་སྦྱོང་དབང་འཛིན་གྱི་ཡིག་ཚང་གསརཔ་གཞི་…

view details